series and 108

འགྱུར་བརྒྱ་རྩ་བརྒྱད་”ཀྱི་ལས་གཞི་ནི་སྤྱི་ལོ་༢༠༡༥ལོར་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་དབུ་འཛུགས་མཛད། ལས་གཞི་འདི་ནི་རྒྱལ་དབང་ཀརྨ་པས་ལ་རྩེར་གཙོ་སྐྱོང་གནང་བའི་ཡིག་སྒྱུར་ཚོགས་འདུ་ཞིག་གི་སྟེང་ལ་བསམ་བློ་འཁོར་བ་ལས་བྱུང་བ་ཞིག་ཡིན།  “འགྱུར་བརྒྱ་རྩ་བརྒྱད་”ཀྱི་ལས་གཞི་འདིས་ཤེས་བྱ་སྣ་མང་དང་འཛམ་གླིང་རྩོམ་རིག་གི་སྒོ་འཕར་ཡངས་པོར་འབྱེད་པ་མཚུངས་སུ་བོད་ཀྱི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་གཏོང་བ་ལ་འབད།

 

དམིགས་སྒོ་འདི་བཟུང་ནས།  ལས་གཞི་འདིས་ཀློག་འདོད་སྣ་ཚོགས་སྐོང་བ་སྟེ།  ནུབ་ཕྱོགས་ཀྱི་གནའ་རྩོམ་གྲགས་ཅན་ནས་ཐུན་མོང་མ་ཡིན་པའི་སྐྱེས་བུའི་རྣམ་ཐར་བར་དང་། དེ་བཞིན་མི་ཚེའི་བླང་དོར་སྟོན་པའི་དཔེ་དེབ་ནས་ལོ་རྒྱུས་ཀྱི་དེབ་བཅས་བརྗོད་གཞི་སྣ་ཚོགས་ཀྱི་བོད་འགྱུར་མའི་དེབ་ཕྲེང་ཞིག་སྤེལ་བར་འདོད།   “འགྱུར་བརྒྱ་རྩ་བརྒྱད་”ཀྱི་དཔེ་དེབ་རེ་རེ་བཞིན་ཕབ་ལེན་དང་བརྒྱུད་སྤེལ་གྱི་ཆེད་དུ་རིན་མེད་ཀྱི་འཕྲུལ་དེབ་དུ་སྤེལ་རྒྱུ་ཡིན།  ལས་གཞི་ལ་ཞལ་འདེབས་སློང་ཆེད་མཚམས་རེ་ཤོག་དེབ་ཏུ་པར་སྐྲུན་བྱས་ནས་བླུ་རྒྱུ་ཡོད་པར་བྱེད།

དབྱིན་ཡིག་དང་བོད་ཡིག་གི་༧རྒྱལ་དབང་ཀརྨ་པ་མཆོག་གིས་གནང་བའི་ལས་གཞི་འདིའི་ཆེད་བརྗོད་གཟིགས་ན་འདི་ནོན།

“འགྱུར་བརྒྱ་རྩ་བརྒྱད་”ནི་ལ་རྩེའི་ལས་གཞི་ཞིག་ཡིན་པ་དང་། དེ་ནི་ཤེས་མྱོང་གཉིས་ལྡན་གྱི་“འགྱུར་བརྒྱ་རྩ་བརྒྱད་”དོ་དམ་ཚོགས་ཆུང་གིས་འཛིན་སྐྱོང་གིས་འགྱུར་སྤུས་གང་ལེགས་ཡོང་ངེས་ཀྱི་འབད་བརྩོན་བྱེད། ལས་གཞི་འདི་ནི་དམ་ཆོས་བང་མཛོད་ཚོགས་པའི་གཏོང་ཕོད་ཀྱི་བཀའ་དྲིན་འོག་གཉེར་བཞིན་ཡོད།

 

“འགྱུར་བརྒྱ་རྩ་བརྒྱད་”དོ་དམ་ཚོགས་ཆུང་ནས་ལས་གཞི་འདིའི་ཆེད་དུ་བསྒྲིགས་པའི་སྒྲ་འབེབས་བྱེད་སྟངས་ཤེས་འདོད་རྣམས་ཀྱིས་འདི་ནོན།  མགྱྱོགས་པོར་ཡོང་གི་ཡོད།

འགྱུར་བརྒྱ་རྩ་བརྒྱད་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་དམ་ཆོས་བང་མཛོད་ཀྱི་གཏོང་ཕོད་ཀྱི་རོགས་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན།

 

https://dharma-treasure.org/

འབྲེལ་ཡོད་ཀྱི་ལས་གཞི།
  1. Making world literature accessible to Tibetan readers. Elie Wiesel’s Night. Pride and Prejudice. John Steinbeck, Toni Morrison, Chinua Achebe. Autobiographies, western classics, essays, self-help, and modern fiction. These are just some of the books, authors, and genres the 108 Translations Project seeks to make accessible to Tibetan readers.

འཕྲུལ་དེབ། - Ebooks

མཚན་མོ། ཨེ་ལི་ཝི་བཟེལ་གྱིས་བརྩམས། པད་མ་འབུམ་གྱིས་བསྒྱུར།

Night. Elie Wiesel; translated by Pema Bhum.

མཚན་མོ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས། ཨེ་ལི་ ཝི་བཟེལ་གྱིས་གདུག་རྩུབ་ཆེ་བའི་ཇར་མན་ཚི་ཡི་ཡ་ང་བའི་བཙོན་སྒར་དུ་སྡུག་སྦྱོང་ཅི་མྱངས་ཀྱི་དྲན་ཐོ་སྒྲུང་དེབ་ཀྱི་རྩོམ་ལམ་དུ་སྤེལ་བ་ཞིག་ཡིན།    སེམས་ལ་ཟུག་རྔུ་སྟེར་ཡང་མི་སེམས་འགུག་པའི་སྒྲུང་རྩོམ་འདིའི་ནང་ལ། རྩོམ་པ་པོས་རང་ཁྱིམ་ནས་ཨོ་ཤི་ཝི་ཚེ་དང་། དེ་ནས་བྷུ་ཆི་ཝོལད་བཙོན་སྒར་ལ་བཙན་འདེད་བྱས་པའི་ལམ་བར་གྱི་འཇིགས་སྣང་ཆེ་བའི་འགྲུད་བཞུད་དང་།  བཙོན་སྒར་དེ་གཉིས་ཀྱི་ནང་གི་རྒྱུན་ཆགས་ཀྱི་གདུག་རྩུབ་དང་།  རེ་བའི་ཟད་མཐའ་ལ་ཐུག་པ།   འཆི་གོད་ཀྱི་བྱུང་ཚུལ་རྣམས་ཞིབ་འབྲི་བྱས་ཡོད།  ན་གཞོན་རྩོམ་པ་པོ་འདིས་མིའི་རིགས་ཀྱི་གདུག་རྩུབ་ཆེ་ཤོས་ཀྱི་རང་བཞིན་དེ་དངོས་སུ་མྱོང་བཞིན་དུ་རང་གི་མིའི་རང་བཞིན་དེ་མ་དོར་བར་གསོན་པོར་གནས་པའི་འབད་བརྩོན་བྱས་ཡོད།

ཨེ་ལི་ ཝི་བཟེལ་གྱིས་དེབ་ལྔ་བཅུ་ལྷག་བྲིས་ཡོད་ཅིང་། མཚན་མོ་ནི་ཐོག་མར་༡༩༥༨ལོར་པར་སྐྲུན་བྱས་པ་དང་། དེ་ནི་ཁོང་གི་ཚབ་མཚོན་བརྩམས་ཆོས་སུ་ཆ་འཇོག་བྱེད།   དེབ་འདི་སྐད་ཡིག་༣༠ལྷག་ལ་ཡིག་སྒྱུར་བྱས་ཡོད་པ་དང་། རོབ་རྩིས་ལ་དེབ་གྲངས་ས་ཡ་བཅུ་ལྷག་བྲིན་ཡོད། རྩོམ་པ་པོ་ཨེ་ལི་ ཝི་བཟེལ་ནི་༼༡༩༢༨-༢༠༡༦༽”སྡེབ་གསོད་ཆེན་མོ་”ལས་གསོན་ཐར་བ་ཞིག་ཡིན་པའི་ངོས་ནས་ཁོང་གི་སྐུ་ཚེ་གང་པོར་མི་ཡོངས་ལ་ “སྡེབ་གསོད་ཆེན་མོ་”སྟེ།  ཧོ་ལོ་ཁོ་སི་ (Holocaust) དང་མིའི་རིགས་ཀྱི་གོད་ཆག་གཞན་པ་རྣམས་ངོ་སྤྲོད་བྱེད་པར་འབད་བརྩོན་གནང་ཡོད། ༡༩༨༦ལོར་ཁོང་ལ་ནོར་སྦེལ་ཞི་བདེའི་བྱ་དགའ་ཐོབ་ཡོད།

Our other programs

Do NOT follow this link or you will be banned from the site!