སྙན་ངག་ཟླ་བའི་ཉིན་རེའི་སྙན་ངག་གི་མཆོད་པ།
Poetry Month Daily Offering

爱之门

སྙན་ངག་མཁན་དང་གྱེར་འདོན་པ། པདྨ་ལྷ་མཛེས།
The Gate of Love, written and read by Pema Lhandzé (白玛娜珍 Baima Nazhen)

Today’s Poetry Month offering features contemporary poet Baima Nazhen (白玛娜珍), who is based in Lhasa, and is a popular and prolific author of short stories, essays, and novels. A Sinophone writer, her works have been translated into English and other languages and published widely. She also composes poetry under the name of Pema Lhadzé. For our Poetry Month Daily Offering, she sent us this audio recording of herself reading her recent work “Gate to Love.” 

ལྷ་ས་ནས་ཡིན་པའི་པད་མ་ནོར་སྒྲོན་ལགས་ནི་བརྩམས་ཆོས་ཕྱུག་པའི་རྩོམ་པ་པོ་མིང་དོན་མཚུངས་པ་ཞིག་ཡིན་ཞིང་། ཁོང་གིས་རྒྱ་ཡིག་གི་ནང་ལ་བྲིས་པའི་བརྩམས་ཆོས་དེ་དག་དབྱིན་ཡིག་དང་སྐད་ཡིག་གཞན་པའི་ནང་ལ་བསྒྱུར་ནས་རྒྱལ་སྤྱིའི་ཐོག་པར་བསྐྲུན་རྒྱ་ཆེན་པོ་བྱས་ཡོད།  ཁོང་གིས་སྨྱུག་མིང་པད་མ་ལྷ་མཛེས་ཀྱི་འོག་ལ་སྙན་ངག་བྲི་བཞིན་ཡོད་པ་དང་། ད་རེས་སྙན་ངག་ཟླ་བར་དམིགས་ནས་ཁོང་གིས་“བྱམས་བརྩེའི་འཇུག་སྒོ།”ཞེས་པའི་ཏོག་དབྱིབས་ནད་ཡམས་ཀྱི་སྐྱོ་གདུང་མངོན་པའི་སྙན་ངག་གི་མཆོད་པ་འདི་སྩལ་བར་མཛད། 

爱之门

披着黑衣的乌鸦长鸣着
一群群飞过屋顶
远岸
海浪夹杂着粗粝的砂铄
汹涌拍打着沙滩
我们就像
那沙滩上被扔弃的一颗颗椰壳
但是异乡的歌声多么旖丽
孔雀漫步
一声声追逐着风影
撒旦的子弹却袭来
四处奔逃中
才发现地球已变成宇宙的弃婴
魔鬼已近
头戴桂冠
身携病毒
在以命索命的仇恨中
人类拿什么回击

呵  释迦摩尼还在沉睡吗
上帝远在哪里
只有乌云滚滚
白月如我哀伤的叹息

明天   还有橘红的太阳
初生于海洋吗
双眸闪耀着蓝宝石之光的 我的情人
明天 我还能看见你灿烂的笑颜吗

一群群乌鸦披着黑衣
鸣叫着飞过我的头顶
异乡海浪汹涌
情人的歌声多么旖丽
我知道你在歌唱
那长夜过后
将打开的所有的  爱的门

白玛娜珍
2020年4.9

དུང་བའི་སྒོ་མོ།

རྩོམ་པ་པོ། པད་མ་ནོར་སྒྲོལ།
ཡིག་འགྱུར་བ། ཟླ་བ་ལྷ་མོ་དང་སྟག་ཚང་རིག་རྒོད། 

ལྭ་བ་ནག་པོ་གྱོན་པའི་ཁྭ་ཏས་སྐད་ཅོར་ཅོར་གྱིས།
ཁྱུ་དང་ཁྱུ་བྱས་ཏེ་ཁང་ཀླད་ནས་ཕུར། 

རྒྱང་རིང་གི་མཚོ་ངོགས་སུ།
རླབས་སྒྲའི་ཁྲོད་དུ་རྩུབ་ཧྲག་གི་བྱེ་མ་འདྲེས་ཡོད།
ལྭ་བ་ནག་པོ་གྱོན་པའི་ཁྭ་ཏས་སྐད་ཅོར་ཅོར་གྱིས།
ཁྱུ་དང་ཁྱུ་བྱས་ཏེ་ཁང་ཀླད་ནས་བྱེ་ཐང་དུ་ཕུར།

ང་ཚོ བྱེ་ཐང་དུ་བོར་བའི་བེ་ཏའི་ཤུན་པ་རེ་རེ་དང་འདྲ།
འོན་ཀྱང་གཞན་ཡུལ་གྱི་གླུ་སྐད་ནི་ཇི་འདྲའི་སྙན་པ་ལ།

རྨ་བྱ་དལ་མོར་ཆས་ཤིང་།
སྐད་སྒྲ་རེ་རེས་རླུང་གི་གྲིབ་མ་འདེད།
ས་ཏན་གྱི་མདེའུ་ཡིས་འཇབ་རྒོལ་བྱས་སོང་།
ཕྱོགས་བཞིར་འབྲོ་བའི་ཁྲོད་ནས།
ད་གཟོད་སའི་གོ་ལ་ནི་འཇིག་རྟེན་འདིས་བསྐྱུར་བའི་བྱིས་པ་ཞིག་ཏུ་གྱུར་བ་ཤེས། 
གདོན་འདྲེ་ཉེ་སར་བཅར་ཟིན།
མགོ་ལ་མེ་ཏོག་གི་ཅོད་པན་དང་།
ལུས་ལ་ནད་དུག་འཁྱེར་ཏེ་སླེབས།
སྲོག་ལན་སྲོག་གིས་འཇལ་བའི་ཞེ་འཁོན་ཁྲོད།
མིའི་རིགས་ཀྱིས་ཅི་ཞིག་གིས་རྒོལ་ལན་སློག་ཐུབ་བམ།

ཀྱེ་མ། ཤཱཀྱ་མུ་ནེ་ད་དུང་གཉིད་འདུག་གམ།
དཀོན་མཆོག་ཀྱང་གང་དུ་ཡོད་དམ།
སྤྲིན་ནག་ལང་ལོང་འཁྲིགས་པའི་ཁྲོད།
ཟླ་བ་ནི་ངའི་སྐྱོ་གདུང་གི་དབུགས་རིང་དང་འདྲ།

སང་ཉིན་ད་དུང་ཉི་མ་དམར་པོ་ཞིག 
ཐོག་མར་རྒྱ་མཚོ་ནས་ཤར་རམ།
མིག་ཟུང་ལས་ཕ་ལམ་སྔོན་པོའི་འོད་ཟེར་འཚེར་བའི་ང་ཡི་དགའ་ལོ།
སང་ཉིན་ངས་ད་དུང་ཁྱོད་ཀྱི་འཛུམ་མདངས་མཐོང་ཐུབ་བམ།

ལྭ་བ་ནག་པོ་གྱོན་པའི་ཁྭ་ཏའི་ཚོགས།
སྐད་ཅོར་རྒྱག་བཞིན་ངའི་མགོ་ཐོག་ནས་ཕུར།
གཞན་ཡུལ་གྱི་མཚོ་རླབས་ལང་ལོང་དུ་གཡོ།
དགའ་ལོའི་གླུ་སྐད་ནི་ཅི་འདྲའི་སྙན་ཨང་།
ངས་ཁྱོད་ཀྱིས་གླུ་ལེན་བཞིན་པ་ཤེས་ཡོད་།
མཚན་མོ་རིང་པོ་དེ་འདས་རྗེས།
བརྩེ་དུང་གི་སྒོ་མོ་ཡོད་ཚད་དབྱེ་བར་འགྱུར།

༢༠༢༠ལོའི༤པའི་ཚེས་༩ཉིན།

Tags: , , , , , ,
Latse