我看见
(ངས་མཐོང་གི་འདུག)

སྙན་ངག་མཁན་དང་གྱེར་འདོན་པ། སྐྱིད་ལྷ།

I Can See, written and read by Kyilha

མི་རབས་གསར་པའི་སྙན་ངག་མཁན་རྣམས་ངོ་སྤྲོད་བྱེད་པ་ནི་ངེད་ཚོའི་སྤྲོ་བ་ཆེ་ཤོས་གཅིག་ཡིན། དི་རིང་ལྷ་ས་ནས་སྐྱིད་ལྷྷ་ལགས་ནས་ངེད་ཚོར་ཁོང་གི་སྙན་ངག་གཅིག་བསྐུར་གནང་བ་དེ་སྤྱན་བསྟར་ཞུ་བཞིན་ཡོད། སྐྱིད་ལྷྷ་ལགས་ནི་གངས་རིན་པོ་ཆེའི་ཉེ་འདབས་ལ་འཁྲུངས་ཤིང་། ཆུང་དུས་ནས་སྤྱན་གཉིས་པོས་གཟིགས་ཐུབ་ཀྱི་མེད་པས་མི་ཚེའི་ནང་ལ་དཀའ་ངལ་དུ་མ་འཕྲད་ཅིང་། ཕྱིས་སུ་ལོང་བའི་ས་མཚམས་མེད་པའི་སློབ་གྲྭ་ལ་བཞུགས་ཤིང་། སློབ་གྲྭ་དེ་ནི་༡༩༨༨ལོར་ཡོ་རོབ་ནས་བོད་ལ་གཉེར་བའི་ལོང་བའི་སློབ་གྲྭ་ཐོག་མ་དེ་ཡིན། ད་རེས་སྐྱིད་ལྷྷ་ལགས་ཀྱིས། “ངས་མཐོང་ཐུབ།”ཅེས་པའི་རྒྱ་ཡིག་སྙན་ངག་དེའི་ནང་ཁོང་གི་དབང་པོ་གཞན་པ་ཚོ་བརྒྱུད་ནས་མཇལ་བའི་བོད་དང་བོད་རིགས་མི་མང་གི་ཡོན་ཏན་དང་ཁྱད་ཆོས་ལ་བསྔགས་བརྗོད་མཛད་ཡོད། སྙན་ངག་ཡིག་སྒྱུར་བ་ནི་པད་མ་འབུམ་ལགས་ཡིན།

We are pleased to introduce an up-and-coming Tibetan poet today, who sent us an audio recording from her home in Lhasa. Kyilha hails from the town of Lhatse near Mount Everest. Born blind, Kyilha had a difficult childhood, but at the age of 12, was accepted as a student at the Braille Without Border’s Center for the Blind, the first school for the blind in Tibet opened by two Europeans in 1998 in Lhasa. Kyilha shares a poem she wrote in Chinese, entitled “I Can See / 我看见,” an uplifting work that describes the beauty of Tibet—the land and the people—as “seen” through all senses. 
Tibetan translation is by Pema Bhum.

我看见

作者:吉拉

顺着长风的牵引
我用手触摸那些沧桑的岩石
就触摸到了你的骨骼

我还喜欢嗅闻焚香
听鸟儿穿过树林的翅膀
呵 雅鲁藏布江有多长
藏族女子美若鲜花——
我在阿妈温暖的怀抱中
早已看见
以及牧羊人纯洁的歌
僧侣柔软的祷告

我还喜欢嗅闻焚香
听鸟儿穿过树林的翅膀
呵 雅鲁藏布江有多长
藏族女子美若鲜花——
我在阿妈温暖的怀抱中
早已看见
以及牧羊人纯洁的歌
僧侣柔软的祷告

当马儿带着我飞驰奔跑
经过村庄和花丛
我要去攀登雪峰
捧一掬冰雪
让我的面颊贴紧你的肌肤
我就是这样去看见
摘取天上的星星
解读一颗颗心
把一切变成我的岁月
我的 眼睛


ངས་མཐོང་གི་འདུག

རྩོམ་པ་པོ།  སྐྱིད་ལྷ།

དྲག་རླུང་གིས་སྣེ་དྲངས་པ་དང་བསྟུན་ནས།
ངའི་ལག་པས་དར་རྒུད་ཀྱི་ལོ་ཟླ་འགྲིམ་པའི་བྲག་གཡམ་ལ་རེག་ཅིང་།
ཁྱེད་ཀྱི་རུས་སྒྲོམ་ལ་རེག་ཚོར་བྱུང་།

ང་བདུག་སྤོས་ཀྱི་དྲི་ཞིམ་སྣོམ་པ་དང་།
ནགས་གསེབ་གྱི་བྱེའུའི་འཕུར་སྒྲ་ལ་ཉན་པར་སྤྲོ།
ཀྱེ་མ།  ཡར་ཀླུང་གཙང་པོ་ཅི་ཙམ་རིང་ངམ།
བོད་པའི་བུ་མོ་གསར་བཞད་མེ་ཏོག་བཞིན་དུ་མཛེས།
ངས་ཨ་མའི་དྲོད་འཇམ་གྱི་པང་དུ།
སྔ་བོ་ནས་མཐོང་སོང་།
ད་དུང་ལུག་རྫིའི་དྭངས་གཙང་གི་གླུ་སྒྲ་དང་།
གྲྭ་པའི་མཉན་འཇམ་གྱི་སྨོན་ལམ།

རྟ་བོས་ང་ཁུར་ནས་འཕུར་མཆོང་གིས་རྒྱུགས་ཏེ།
གྲོང་གསེབ་དང་མེ་ཏོག་གི་ཚལ་བརྒྱུད་སྐབས།
ང་གངས་རིའི་རྩེ་ལ་འཛེག་ནས།
གངས་དཀར་ཁྱོར་བར་བཏེགས་ཏེ།  
བདག་གི་འགྲམ་པ་ཁྱེད་ཀྱི་ཤ་པགས་ལ་དམ་གྱིས་གླན་ན་འདོད།
ངས་ནི་འདི་ལྟར་མཐོང་གི་ཡོད་ཅིང་།
ནམ་མཁའི་སྐར་མ་བཏུས་ནས།
སེམས་པ་རེ་རེ་ལ་ཀློག་འགྲེལ་བྱེད།
ཡོད་ཚད་ང་རང་གི་ལོ་ཟླ་དང་།
ང་རང་གི་མིག་དབང་དུ་སྒྱུར།

ཡིག་སྒྱུར་པད་མ་འབུམ།

Tags: , , , , ,
Latse