ཟླ་བ་༣ཚེས་༦། ཆུ་ཚོད། ༦་༣༠ ལ་རྩེ། 132 Perry Street, Suite 2B, NY NY 10014
བོད་ཀྱི་སྙན་ངག་པ་དང་། གློག་བརྙན་བཟོ་སྐྲུན་པ་ལྗང་བུའམ། མཚན་གཞན་ལ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ལགས་ཀྱིས་བཟོ་སྐྲུན་གནང་བའི་དངོས་བྱུང་གློག་བརྙན་། “ཚ་རོང་།”ཞེས་པ་དེ་ཐེངས་དང་པོར་ཨ་རིར་བསྟན་གྱི་ཡོད། གློག་བརྙན་དེའི་ནང་དོན་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་མི་སྣ་གལ་ཆེ་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་དང་། ཁོང་གི་སྲས་ཚ་རོང་དགྲ་འདུལ་རྣམ་རྒྱལ་ལགས་གཉིས་ཀྱིས་༡༩༣༠ནས་༥༠བར་ལ་བོད་ནང་ལ་བླངས་པའི་གློག་བརྙན་དང་འདྲ་པར་ཁག་དང་། ད་ལྟ་འཚོ་བཞུགས་གནང་བའི་ཚ་རོང་གི་ནང་མི་རྣམས་ལ་བཅར་འདྲི་ཞུས་ནས་བོད་ཀྱི་མི་རབས་གོང་མ་རྣམས་ཀྱི་བརྙན་པར་བརྩམས་ཆོས་དེ་དག་བརྒྱུད་ནས་་དེང་དུས་ཀྱི་མི་རབས་རྣམས་ལ་སྔར་གྱི་བོད་མིའི་འཚོ་བ་དང་རིག་གཞུང་ངོ་སྤྲོད་ཞུས་པའོ།
བོད་ཀྱི་སྙན་ངག་པ་དང་། གློག་བརྙན་བཟོ་སྐྲུན་པ་ལྗང་བུའམ། ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་གིས་ཕབ་སྐྲུན་གནང་བའི། “ཚ་རོང་།”
གློག་བརྙན་གཟིགས་འབུལ་དང་དྲི་བ་དྲི་ལན་གྱི་རྗེས་ལ་མཆོད་ཆང་དང་ཞལ་ཏོག་གོ་སྒྲིག་ཞུས་ཡོད། ལ་རྩེའི་ངོ་དེབ་ལ་ཕེབས་ནས་པ་སེ་གཟིགས་རོགས།

https://www.eventbrite.com/e/tsarong-tickets-96907205059


གློག་བརྙན་འདི་བོད་སྐད་ནང་ལ་ཡིན་པ་དང་། ཕ་རན་སིའི་སྐད་ཡིག་ནང་ལ་བརྙན་ཡིག་བཟོས་ཡོད།

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

Do NOT follow this link or you will be banned from the site!