Latse ceremony
WELCOME TO LATSE
Photo courtesy of Jan Reurink.
Slider

ལ་རྩེས་སྐད་ཡིག་དང་ཡིག་རྨོངས་སེལ་བ་ལ་སྐུལ་འདེད་དང་། ཤེས་ཡོན་དང་ཚེ་གང་གི་སློབ་སྦྱོང་ལ་ཤུགས་སྣོན། དེང་རབས་བོད་མིའི་སྣ་འཛོམས་ཀྱི་འཚོ་ལམ་ཇེ་ཕྱུག་ཏུ་གཏོང་བའི་གསར་བཏོད་དང་དོན་གཉེར་ལ་རྒྱབ་སྐྱོར་བྱེད་པ་བཅས་ལ་བརྟེན་ནས་བོད་ཀྱི་རིག་གཞུང་གསོན་གནས་དང་རྒྱུན་མཐུད་ཡོང་བའི་ལས་དོན་བསྒྲུབ་རྒྱུ་ཡིན།

ང་ཚོའི་ལས་འགུལ་གྱི་གསར་འགྱུར་གསར་ཤོས་དེ་དག་གཟིགས་འདོད་ན། ངེད་ཚོའི་གློག་འཕྲིན་ཐོའི་ནང་ལ་ཕེབས་ཤོག 

ངེད་ཚོའི་ལས་གཞིར་རྒྱབ་སྐྱོར་གནང་རོགས།

གཤམ་གྱི་ཞལ་འདེབས་འབོད་སྐུལ་ཁག་ནི་ངེད་ཚོའི་ལས་གཞིར་རྒྱབ་སྐྱོར་ཆེད་དུ་ཡིན།

དཔེ་མཛོད།

ལ་རྩེ་དཔེ་མཛོད་ཀྱི་རྒྱུ་ཆ་དེ་དག་ནི་ང་ཚོས་ཐོག་མར་༢༠༠༣ལོ་ནས་བཟུང་ལ་རྩེ་དཔེ་མཛོད་སྒོ་ཕྱེ་བའི་སྐབས་ནས་གསོག་ཉར་བྱེད་འགོ་ཚུགས་ཡོད། འདས་པའི་ལོ་དེ་དག་གི་རིང་། ལ་རྩེ་དཔེ་མཛོད་ནི་དེང་རབས་བོད་རིག་པའི་ཞིབ་འཇུག་གི་རྒྱུ་ཆ་གསོག་ཉར་བྱེད་མཁན་གཙོ་བོ་ཞིག་ལ་གྱུར་བ་དང་། དེ་བཞིན་རིག་གཞུང་དང་ཤེས་རིག་བརྗེ་ལེན་གྱི་ལྟེ་གནས་ཅིག་ཡིན།

ངེད་ཚོས་སྤྱི་ཚོགས་སྨྱན་ཆས་དང་། དྲ་རྒྱ། དེ་བཞིན་དྲ་རྒྱའི་ཐོག་གི་དཀར་ཆག་དང་ཞབས་ཞུའི་ལས་སྒོ་བརྒྱུད་ནས་རྒྱུ་ཆ་དེ་དག་བདག་གཉེར་དང་མཁོ་འདོན་བྱེད་བཞིན་ཡོད། ལ་རྩེས་ཞིབ་འཇུག་པ་རྣམས་དཔེ་མཛོད་ལ་སྣེ་ལེན་ཞུ་བ་དང་ཞིབ་འཇུག་གི་ལས་ཀར་རྒྱབ་སྐྱོར་ཞུ་བཞིན་པའོ། དེ་ལས་མང་བ།

ངེད་ཚོའི་རྗེས་ལ་ཕེབས།

Do NOT follow this link or you will be banned from the site!