གནམ་གྱི་བུ་ལོན།

སྙན་ངག་མཁན་དང་གྱེར་འདོན་པ། གཅན་རང་སད།

A Debt Owed to the Natural World, written and read by Chenrangsé

ཟླ་བ་བཞི་པ་ནི་སྙན་ངག་གི་ཟླ་བ་ཡིན་ཞིང་། ང་ཚོས་བོད་ཕྱི་ནང་གཉིས་ལ་བཞུགས་པའི་སྙན་ངག་མཁན་གྱིས་རང་རྩོམ་སྙན་ངག་གྱེར་འདོན་དང་། དེ་བཞིན་སྙན་ངག་སྙན་སྒྲོན་པ་རྣམས་ཀྱིས་གྲགས་ཅན་གྱི་སྙན་ངག་དེ་དག་ང་ཚོར་གྱེར་ནས་གངས་ལྗོངས་ཀྱི་སྙན་ངག་མཁན་དང་ཁོང་རྣམ་པའི་སྙན་ངག་གི་ཡོན་ཏན་ལ་གཟེངས་བསྟོད་བྱེད་བཞིན་ཡོད། ལྷག་པར་དུ། ད་ལྟའི་དཀའ་ཚེགས་ཅན་གྱི་དུས་ཚོར་འདིར། རྩོམ་རིག་དང་སྙན་ངག་སྒྱུ་རྩལ་གྱིས་ང་ཚོར་ཉིན་རེའི་འཚོ་བའི་ནང་ལ། བློ་བསྐྱེད་དང་། སེམས་ཤུགས་སྦྱིན་པའམ། མ་མཐར་ཡང་ཡིད་སེམས་འགུལ་བའི་སྙན་ངག་དེ་དག་གིས་ང་ཚོར་རྣམ་འགྱུར་ཞིག་འདོན་པའི་སྙིང་སྟོབས་སྤྲོད་པར་བྱེད། ང་ཚོར་དམིགས་བསལ་སྤྲོ་སྣང་ཞིག་ཡོད་པ་ནི། ང་ཚོས་གངས་ལྗོངས་ཀྱི་སྙན་ངག་མཁན་རྣམ་པའི་བརྩམས་ཆོས་དེ་དག་ཁྱེད་ཅག་གི་སྤྱན་ལམ་དུ་འདྲེན་ཐུབ་པ་དེ་ཡིན། དེ་རིང་ང་ཚོས་མདོ་སྨད་གཅན་རྩའི་ཡུལ་གྱི་སྙན་ངག་མཁན་དང་རྩོམ་པ་པོ་སྟེ། གཅན་རང་གསལ་ལགས་ངོ་མས་གྱེར་འདོན་གནང་བའི་རང་རྩོམ་གཅིག་འདིར་འབུལ་བཞིན་ཡོད། ཁོང་གིས་བརྩམས་ཆོས་འདིའི་ནང་། ང་ཚོས་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་བྱ་རྒྱུ་མི་ལྡང་བར་བརྟེན། མིག་སྔའི་ཡིད་སྐྱོ་བའི་མཇུག་འབྲས་ངན་པ་འདི་འདྲ་འཕྲད་པ་དྲན་སྐུལ་གནང་ཡོད། 

As April is Poetry Month, we have been sharing poetry readings by poets and other friends not only to highlight Tibetan poets and poetry, but also to demonstrate the important role of literature in our daily lives to provide perspective, comfort, action, or simply recreation, especially during challenging times. We are also delighted that we can share with you contributions from poets in Tibet. Today we are honored to feature a reading by the famed poet and scholar Chenrangsé from Jentsa in Amdo. He reads a work entitled “Nam gi wu lön,” which roughly translates to “A Debt Owed to the Natural World” (གནམ་ “nam” literally means “sky,” but can also refer to the natural world or environment in general). Written earlier this year, it is a reflection on the negative consequences of mankind’s mistreatment of the natural world.


གནམ་གྱི་བུ་ལོན།

 གཅན་རང་སད། 

མུན་པས་བསྐྱེད་པའི་མཆེ་བ་དུང་ཕྱུར་གྱིས།
རྒྱུ་འབྲས་ཀྱི་ཉི་མ་འགམས་ཤུལ་དུ།
གློ་རྡེག་ལ། མི་ཡུལ་གྱི་ནམ་མཁར་ཆག་གྲུམ་བྱུང་།
སྣོད་བཅུད་ཀྱི་རྟེན་འབྲེལ་ཟབ་མོར།
རྡོག་བརྫིས་ཡུན་རིང་བཏང་བའི་མཐའ་མར།
བཀའ་ཆད་ཀྱི་གནམ་རྡོ་ཐོད་ལ་བབས།

བྱས་ཉེས་ཀྱི་བུ་ལོན་ཟབ་མོའི་རྨ་ཁ་ལས།
གཟུགས་མེད་ཀྱི་ཡམས་དུག་གློ་བུར་མཆེད་དེ།
ཚེ་སྲོག་གྲངས་མེད་ཀྱི་མེ་ཏོག་ཁྱུར་མིད་བྱས།
ས་ཆེན་གྱི་སྙིམ་པ།བལྟས་བལྟས་རིག་རིག་ལ།
སྟོང་འཇགས་ཀྱི་ངོ་བོར་འབྱམས་པའི།
ཛ་དྲག་གི་ཉེན་བརྡ་བཏང་།

ཆོས་ཉིད་ཀྱི་མེ་ལོང་ངོས་ནས།
རང་ངོ་མི་མཐོང་བའི་ལོང་བའི་ཚོགས་ཀྱིས།
མུ་མཐུད་དུ། འཆི་བདག་གི་སྨ་རར་ལག་རྩེད་བྱེད།

ཁ་རས་བཏུམས་པའི་སྨྲ་བརྗོད།
ལྕགས་སྒྲོག་བརྒྱབ་པའི་དུས་ཚིགས།
སྨུག་སྤྲིན་གྱོན་པའི་ལོ་ཟླ།
ཀྱི་ཧུད། རང་དབང་དང་བག་ཕེབས་ཀྱི་དབུགས་རྒྱུན་ནམ་ཞིག་རྔུབ།

མཐོ་རིམ་སྲོག་ཆགས་སུ་ཁས་འཆེས་པ་དག
བྱི་བའི་ལོ་མགོ་འདིར། བྱི་ལོང་བཞིན།
རང་ཉིད་ཀྱིས་བྲུས་པའི།
ཉེན་གཡོལ་གྱི་ཁུང་བུར་འཛུལ་དགོས་བྱུང་།

དུས་ཚོད་ཀྱི་མུན་པའི་ཀློང་ནས།
ཉི་འོད་དང་། གླག་གི་གཤོག་འགྱུར་སྒོམ་ཞིང་།
ས་ཆེན་གྱི་འབགས་པ་བསང་བའི།
འཁྱག་འདར་གྱི་རྨི་ངན་དཀྲོགས་པའི།
དཔྱིད་ཆར་གྱི་དངོས་གྲུབ་འཇོ་བའི།
གཡུ་འབྲུག་གི་གསུང་སྐད་ཅིག་ལ་རྣ་བ་བླགས།

༢༠༢༠ •༢ • ༩

Tags: , , , , ,
Latse