You are here

Latse Journal, vol. 7

 

ལ་རྩེ་དུས་དེབ་བམ་པོ་བདུན་པ་ ༼༢༠༡༡-༢༠༡༢༽དེ་གློག་བརྙན་གྱི་བརྗོད་བྱའི་ཐོག་ལ་རྐང་འཛིན་བྱས་ཡོད། སྔོན་མ་དེ་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དུས་དེབ་ཅེས་འབོད། གདན་ཞུས་རྩོམ་སྒྲིག་པ་ཆོས་ཉིད་དབང་མོ་༼ཧྥ་རན་སི།༽མཆོག་གི་སློབ་སྟོན་འོག་ལ། འདོན་ཐེངས་འདིའི་ནང་ལ་སྤྱི་ལོ་༡༩༥༠ནས་བཟུང་བོད་ཀྱི་གློག་བརྙན་གྱི་སྒྱུ་རྩལ་སྐོར་ལ་འཕེལ་རྒྱས་ཇི་ལྟར་བྱུང་ཡོད་པའི་སྐོར་ལ་ཉམས་ཞིབ་བྱས་ཡོད། འདོན་ཐེངས་འདིའི་ནང་ལ་ཞིབ་འཇུག་པ་དང་གློག་བརྙན་བཟོ་སྐྲུན་པ་མི་འདྲ་བ་འགའ་ཤས་ཀྱི་རྩོམ་སྤེལ་ཡོད་པ་སྟེ། པད་མ་ཚེ་བརྟན་དང་། བསྟན་འཛིན་བསོད་ནམས། རོ་སྦར་ཊི་སྦར་ནེ་ཊི། བསོད་ནམས་རྒྱལ། དེ་བཞིན་ལྦེ་ནེ་ས་ཧྥ་རང་སྦེལ་ལ་སོགས་ཀྱི་ཆེད་རྩོམ་དང་དཔྱད་རྩོམ་སྤེལ་ཡོད། དེ་བཞིན་དུས་དེབ་འདིའི་ནང་ལ་པད་མ་འབུམ་ནས་ཞིང་གཤེགས་མགོན་པོ་ཚེ་རིང་ལ་དྲན་གསོ་ཞུ་བའི་ཆེད་རྩོམ་ཞིག་དང་། ཀལ་སྡེ་བྲེག་ཛེ་ནི་དང་དགེ་འདུན་རབ་གསལ་ལགས་ཀྱི་གསར་འཐོན་དེབ་གཉིས་ལ་བསྐྱར་ཞིབ་མཛད་པའི་ཆེད་རྩོམ་གཉིས་ཀྱང་སྤེལ་ཡོད་དོ།