You are here

རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་རིན་པོ་ཆེ།

རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་རིན་པོ་ཆེ།

༈ ལ་རྩེ་རིག་གཞུང་དཔེ་མཛོད་ཀྱི་བྱེད་གཙོ། དཔལ་པད་མ་འབུམ་གྱི་དབུས། འདིར་ཕེབས་མཁས་པ་ལྷན་རྒྱས་དང་། ཁྱད་པར་དུ་དགེ་ཆོས་ཀྱི་ལྕམ་མོ་ཚེ་རིང་གཡུ་སྒྲོན། སྐུ་ཚ་གཡུང་དྲུང་རྒྱལ། སྲས་མོ་དགའ་སྐྱིད་གཡང་མཛོམས། སློབ་མ་ཧོར་ཁང་ཇོ་བོ་བསོད་དཔལ་གྱི་སྲས་བྱམས་པ་བསྟན་དར་བཅས་ལ་ཞུ་རྒྱུར། །གུས་པར། ལ་རྩེ་རིག་གཞུང་ཁང་ནས་མགྲོན་བརྡ་ཆེད་སྩལ་ལྟར། འདིར་ཡོང་འདོད་ཆེ་ཡང་། འཕྲལ་རྐྱེན་འགའ་ཞིག་གིས་ཡོང་མ་ཐུབ་པ་བློ་ཕམ་ཡང་། །ཁྱེད་རྣམས་ལ་ཕྱག་འབུལ་དང་། བྱོན་པ་ལེགས་ཞུ་བ་ལགས།

དགེ་འདུན་ཆོས་འཕེལ་ནི། ངས་བསམ་བློ་སྔ་ཕྱི་གང་ནས་བཏངས་ཀྱང་ཁོང་དུས་རབས་ཉི་ཤུ་པའི་ནང་བོད་ཀྱི་ཆོས་དང་།རྒྱ་ཆེའི་རིག་གནས་ཚང་མའི་སོན་རྩ་གྲུང་པོ་གར་ཡོད་བཙལ་ཏེ། སླར་ཡང་།བོད་ཀྱི་རིག་གནས་ཡོན་ཏན་གྱི་འབྲས་བུ་བཟང་པོ་ལྡན་པའི་ལྗོན་ཤིང་བྱེ་བ་འབུམ་ཕྲག་སྐྱེད་པའི་འདུན་པ་ཤུགས་དྲག་པོ་ཡོད་མཁན་ཞིག་དང་། དེ་དང་འབྲེལ་བའི་ལེགས་ཚོགས་ཀྱི་ས་བོན་འདེབས་པ་པོ་ཞིག་ཡིན།

།ངས་ཞུ་རྒྱུ་ནི། ཁོང་གི་ཐུགས་གཏིང་ནས་སྨོན་པ་ལྟར། བོད་ཀྱི་སྐྱེ་བོ་ཡོངས་ལ་ལུས་སེམས་རང་དབང་གི་གཞི་རྩ་དང་། རིག་གནས་ཡོན་ཏན་གྱི་ས་བོན་གྲུང་པོ་ས་ཡ་མང་པོ་ལུས་པ་རྣམས་སླར་ཡང་བདག་ཏུ་བཟུང་བ་ལ་ཞུུམ་པ་མེད་པའི་དཔུང་རོག་དར་ཞིང་རྒྱས་པའི་སྨོན་ལམ་འདེབས་པ་ལགས།

དེ་བཞིན་དུ། རྒྱ་གར་བ་ ཤྲཱཱི ཕེ་ནཱི་ མུཀརྗཱིུ ཞེས་པ་དེས། པ࿀ཎྜཱཱིུུཏ་རཱཱཧུལ་ ས࿀ཀྲིཏྱཱཱཡན་དང་། དགེ་འདུན་ཆོས་འཕེལ་མཉམ་དུ་བོད་དུ་སོང་བའི་སྐོར། རང་བཞིན་པའི་སྐད་ཧིན་དཱི་ནང་བྲིས་པ་རབ་བྱེད་བཅུ་བཞི་པའི་མཇུག་ཏུ་ཡང་།

༈ མཧཱཱཔཎྜཱཱིུུཏ རཱཱཧུལ་ ས࿀ཀྲིཏྱཱཱཡན། བླ་མ་དགེ་བཤེས་དགེ་འདུན་ཆོས་འཕེལ་། ངེད་ཅག་ནི་ཁྱོད་གཉིས་ཀྱི་སྐུ་ཚེའི་སྤྱོད་པ་ནི་འཆི་བའི་འཇིག་རྟེན་འདིར་གླུར་བླངས་ཏེ་ཡིད་ངལ་གསོ། །བདག་ཉིད་ཆེན་པོ་རཱཱཧུལ་གྱིས་དུས་རབས་འདིའི་སྐྱེ་བོའི་བསམ་ཚུལ་རྣམས། ཁྱོད་ལ་གདམས་ནས་ཁྱོད་ལེགས་བཅོས་ཀྱི་ལམ་ལ་ཕྱོགས་ཏེ། རང་གི་མཛའ་ན་མོའི་དར་དམར་གྱི་སྟོད་གཡོགས་ཏེ། རྒོ་བའི་དཔུང་གི་སྟེང་དུ་མངོན་པར་བསྒྲེངས་སུ་བཅུགས། དེ་ལ་བསམ་ཚེ། ང་བོད་ལ་འགྲོ་དུས་ཀྱི་དཀའ་ངལ་སྒལ་ཚིགས་ཆག་པ་འདྲ་བའི་ཟུག་རྔུ་ལྡང་བ་དང་མཉམ་དུ། ད་ལྟ་དཔའ་བོ་གཉིས་ཀྱི་ལེགས་བྱས་ཀྱི་རྗེས་དྲན་མངར་མོ་ཞིག་ཡིད་ལ་མྱོང་། ཀྱཻཻ་ གཡུལ་གྱི་དེད་དཔོན། འཇིགས་པ་མེད་པ། བརྩོན་པ་ཅན། དཔའ་བོ་ཆེན་པོ། ཁྱོད་གཅིག་པུར་འཐབ་བཞིན་དུ། གངས་ཅན་ཧི་མ་ལ་ཡའི་ཕ་རོལ་བོད་ཡུལ་མུན་པའི་ནང་དུ་གཤེགས་ཟིན། དེ་ནི་རང་གི་སྙིང་འབིགས་པའི་གཟེར་ཀ་རྣོན་པོར་གྱུར་ཏེ་ཤུལ་དུ་ལུས། ཞེས་གསལ།
རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་ནས་ཕུལ།

རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་རིན་པོ་ཆེ།