You are here

Collections

General Collection

སྤྱིར་བཏང་གི་ཡིག་མཛོད་མཛོད།
ལ་རྩེ་དཔེ་མཛོད་འདིའི་ཡིག་མཛོད་གཙོ་བོ་ནི་འཛམ་གླིང་ཁྱོན་ཡོངས་ནས་ཉེ་ཆར་བར་དཔེ་སྐྲུན་བྱས་པའི་བོད་ཀྱི་རིག་གཞུང་དང་། སྤྱི་ཚོགས། ལོ་རྒྱུས་དང་རྩོམ་རིག་བཅས་ཀྱི་རྒྱུ་ཆ་ཡིན་ལ། སྐད་ཡིག་གཙོ་ཆེ་བ་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག འབྲུག་གི་རྫོང་ཁའི་ཡི་གེ་བཅས་ཡིན། དཔེ་མཛོད་ཁང་འདིས་འཚོལ་སྡུད་བྱེད་པའི་རྒྱུ་ཆའི་གཙོ་གནད་ནི་དེང་རབས་ཀྱི་རྒྱུ་ཆ་ཡིན་ན་ཡང་། སྔོན་བྱུང་གི་རྩོམ་རིག་དང་ལོ་རྒྱུས། སྔོན་བྱོན་མཁས་པ་རྣམས་ཀྱི་བོད་རིག་པའི་ཞིབ་འཇུག་གི་སྣ་འདྲེན་གྱི་ཞིབ་འཇུག་གི་བརྩམས་ཆོས་རྣམས་ཀྱང་འཚོལ་སྡུད་བྱས་ཡོད། སྤྱིར་བཏང་དཔེ་མཛོད་ཁང་འདིའི་ཡིག་མཛོད་གཤམ་གསལ་གྱི་སྡེ་ཚན་དུ་བགོས་ཡོད།

  • དཀར་ཆག རྩོམ་བྱང་། མཛུབ་སྟོན་དཀར་ཆག
  • སྤྱི་ཚོགས་རིག་པའི་རྒྱུ་ཆ་སྟེ། དེའི་ནང་དུ་བསྡོམས་རྩིས་དང་། ལས་བསྡོམས་དང་། བརྟག་དཔྱད་ཀྱི་རྒྱུ་ཆ་སོགས་འདུས་ཡོད།
  • བོད་ཀྱི་སྐད་ཡིག་སློབ་དེབ་དང་སློབ་འཁྲིད་སྐོར།
  • བོད་ཀྱི་སྨན་གཞུང་དང་རྩིས།
  • བོད་ཀྱི་རི་མོའི་སྒྱུ་རྩལ། འདྲ་པར་དང་མཛེས་རྒྱན།
  • གནའ་དེང་གི་རྩོམ་རིག་བརྩམས་ཆོས་དང་རྩོམ་རིག་གཞུང་ལུགས།
  • བོད་སྐད་དང་རྫོང་ཁ་སྐད་ཀྱི་སློབ་གྲྭའི་སློབ་དེབ།
  • ལོ་རྒྱུས་དེབ་ཐེར་དང་རྣམ་ཐར།
  • བྱིས་པའི་རྩོམ་རིག་དང་བོད་སྐད་དང་རྫོང་ཁ་སྐད་ཀྱི་སློབ་ཆས།
  • ས་ཁྲ་དང་ས་མིང་ཚིག་མཛོད། ས་གནས་ལོ་རྒྱུས། ལོ་དེབ་དང་འགྲིམ་འགྲུལ་ལག་དེབ།
  • ཚིག་མཛོད། ཤེས་བྱ་ཀུན་ཁྱབ། ཐ་སྙད་ཚིག་མཛོད།
  • གཞུང་གི་ཡིག་ཆ་དང་དཔེ་སྐྲུན།
Rare Books & Resources

དཔེ་དཀོན་ཁང་།

ལ་རྩེ་དཔེ་མཛོད་ཁང་ལ་དཔེ་དེབ་དཀོན་རིགས་དང་། དཔེ་རྒྱུན་ཆད་པ། དཔེ་སྐྲུན་མ་བྱས་པའི་ལག་བྲིས་མ་བཅས་དམིགས་བསལ་གྱི་ཡིག་རིགས་སྐོར་ཞིག་ཡོད་པ་གཤམ་གསལ།

  • དགེ་བཤེས་ཆོས་ཀྱི་གྲགས་པའི་ཚིག་མཛོད་བརྡ་དག་མིང་ཚིག་གསལ་བ་ཞེས་པ་༡༩༤༩་ལོར་ཤིང་པར་དུ་བརྒྱབ་པའི་དེང་སང་གི་དེབ་གཟུགས་མ་འདུས་པའི་ཚིག་མཛོད་དང་དག་ཡིག་རྙིང་གྲས་དང་།
  • རྒྱ་ནག་གཞུང་གིས་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་དང་དྲུག་ཅུའི་ནང་ལ་བོད་ཡིག་ཏུ་དཔེ་སྐྲུན་བྱས་པའི་གཞུང་གི་སྲིད་ཇུས་དང་། ཆབ་སྲིད་ལྟ་བ། སྲིད་དོན་གྱིའཛིན་སྐྱོང་གི་ཡིག་རིགས།
  • རྒྱ་ནག་གི་སློབ་གླིང་དག་གི་རབ་འབྱམས་པའི་དཔྱད་རྩོམ་བོད་ཡིག་མ་དེབ་གྲངས་༡༠༠་ལས་བརྒལ་བ།
  • དུས་རབས་ཉི་ཤུའི་འགོ་ཙམ་ནས་ད་ལྟ་བར་བོད་ཀྱི་སྲོལ་རྒྱུན་དང་སྤྱི་ཚོགས་ཀྱི་གནས་བབ་སྟོན་པའི་འདྲ་པར་དང་། སྤྱིན་ཤོིག་སོགས་སྟོང་ཕྲག་བརྒལ་བ་ཡོད།
  • ཡིག་གཟུགས་ཀྱི་དཔེ་མཚོན་དང་། དེང་རབས་ཀྱི་རི་མོ། སྦྱར་རིས། སྦྲག་ཡིག་ཤིས་ཤོག་སོགས།

ལ་རྩེའི་དམིགས་གསལ་བསགས་མཛོད་ཤོག་ངོས་ལ་ཕེབས་ནས་ཡིག་རིགས་དཀོན་པོའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གཟིགས་རོགས། Special Collections

Pecha & Religious Studies

ཆོས་དཔེ་ཁང་།

ཆོས་དཔེ་ཁང་དུ་བོད་ཀྱི་སྲོལ་རྒྱུན་དཔེ་གཟུགས་དང་། དེང་རབས་དེབ་གཟུགས་ཀྱི་ཆོས་ལུགས་ཀྱི་དཔེ་དེབ་དང་དེང་སང་གི་དུས་ལ་ཆོས་ལུགས་ལ་ཞིབ་འཇུག་བྱས་པའི་ཡིག་རིགས་རྣམས་བཞུགས་ཡོད། དཔེ་དེབ་ཀྱི་རིགས་གཙོ་བོ་གཤམ་གསལ།

  • གསུང་རབ་ཤིང་པར་མ་དང་། ཨ་མདོའི་དགོན་སྡེ་ཁག་ནས་བླུས་པའི་དཔེ་དཀོན་ཁག་ཅིག
  • ཆོས་འབྱུང་། གདན་རབས་དང་། སྐྱེས་ཆེན་དང་བླ་མ་རྣམས་ཀྱི་རྣམ་ཐར།
  • གསུང་འབུམ།
  • སྡེ་དགེ་བཀའ་བསྟན་དང་། བཀའ་བསྟན་དཔེ་བསྡུར་མ།
Multimedia

སྨྱན་མང་།

ལ་རྩེ་དཔེ་མཛོད་ཁང་ནི་བོད་ཀྱི་སྨྱན་མང་གི་རྒྱུ་ཆ་སྟེ་སྒྲ་གཟུགས་ཀྱི་རྒྱུ་ཆ་འཛམ་གླིང་ཁྱོན་འདིར་ཡིག་མཛོད་ཆེ་ཤོས་དེ་ཡིན། བོད་དང་རྒྱ་གར། ལ་དྭགས། འབྲུག་ཡུལ་སོགས་ནས་སྒྲ་གཟུགས་ཀྱི་རྒྱུ་ཆ་སྟོང་ཕྲག་དུ་མ་བླུ་གསོག་བྱས་ཡོད། དེང་རབས་དང་སྲོལ་རྒྱུན་གླུ་གཞས་དང་། གློག་བརྙན། བརྙན་འཕྲིན། ཞབས་བྲོ། སྲོལ་རྒྱུན་གྱི་དུས་སྟོན་དང་མཛད་སྒོ་སོགས་ཀྱིས་མཚོན་པའི་རྒྱུ་ཆ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། གཟིགས་པ་པོའམ་ཉན་པ་པོས་དཔེ་མཛོད་ཀྱི་སྒྲ་གཟུགས་ཁང་དུ་རྒྱུ་ཆ་དེ་དག་བེད་སྤྱོད་གཏོང་རྒྱུའི་ཆ་རྐྱེན་ཆ་ཚང་ཡོད།

Periodicals

དུས་དེབ་དང་ཚགས་པར།

ལ་རྩེ་དཔེ་མཛོད་ཁང་གི་དུས་དེབ་དང་ཚགས་པར་གྱི་ཡིག་མཛོད་ནི་རྒྱ་ཆེ་ལ་སྣ་འཛོམས་ཤིག་ཡིན། དུས་དེབ་དང་ཚགས་པར་སྣ་གྲངས་༢༠༠་ལྷག་འཛམ་གླིང་ཁྱོན་ཡོངས་ནས་བསྡུས་ཡོད་པ་གཤམ་གསལ་གྱི་སྡེ་ཚན་དུ་བགོས་ཆོག

  • ཞིབ་འཇུག་དང་། རྩོམ་རིག དམངས་ཁྲོད་ཀྱི་སྒྱུ་རྩལ་དང་སྲོལ་རྒྱུན་བཅས་ཀྱི་དུས་དེབ།
  • དགོན་སྡེ་དང་སློབ་མའི་ཚོགས་པ། རྩོམ་པ་པོ་སྒེར་ཚོགས་ནས་བཏོན་པའི་དུབ་དེབ་སྣ་མང་།
  • རིག་གནས་གསར་བརྗེའི་སྐབས་ཀྱི་བོད་ཡིག་གི་དུས་དེབ་གཅིག་པོ་དར་དམར་དུས་དེབ་ཅེས་པ་དེ་ཕལ་ཆེ་བ་།
  • ཆིག་སྟོང་དགུ་བརྒྱ་ལྔ་བཅུ་དང་དྲུག་ཅུའི་ནང་གི་མི་རིགས་བརྙན་པར་དང་མི་དམངས་བརྙན་པར་གྱི་འདོན་ཐེངས་ཕལ་ཆེ་བ།
  • སྐབས་དོན་དང་སྲིད་དོན་གྱི་དུས་དེབ་དང་ཚགས་པར།
  • སྤྱིན་ཤོག་གི་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་རྒྱ་ཡིག་མ་ཆ་ཚང་དང་བོད་ཡིག་མ་ཕལ་ཆེ་བ།
The Geshe Nornang Collection

དགེ་བཤེས་ནོར་ནང་མཆོག་གི་ཞལ་འདེབས།

སྤྱི་ལོ་༢༠༡༠ལོར་སི་ཡ་ཊལ་དུ་བཞུགས་པ་དགེ་བཤེས་ནོར་ནང་ལགས་ཀྱིས་སྐུ་སྒེར་གྱི་དཔེ་དེབ་དང་རྒྱུ་ཆ་གང་མང་ཞིག་ལ་རྩེ་དཔེ་མཛོད་དུ་ཞལ་འདེབས་སུ་གནང་། དགེ་བཤེས་ནོར་ནང་མཆོག་གི་ཞལ་འདེབས་ཀྱི་ནང་དུ་སྐུ་ཚེ་ཧྲིལ་པོ་སློབ་འཁྲིད་དང་ཉམས་ཞིབ། དེ་བཞིན་བོད་མི་དང་བོད་རིག་པའི་སྤྱི་ཚོགས་དང་འབྲེལ་བ་དམ་པོ་ཡོད་པ་མངོན་ཡོད། དགེ་བཤེས་ལགས་ཀྱི་ཞལ་འདེབས་ཀྱི་གྲས་སུ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་གི་དཔེ་དེབ་དང་དུས་དེབ། དཔེ་རྒྱུན་ཆད་པའི་དཔེ་དེབ། འགྲེམ་ཡིག་སོགས་ཀྱི་ཐོག་ལ་ད་དུང་ ཡིད་དབང་འཕྲོག་པའི་རྒྱུ་ཆ་གཞན་པ་སྣ་ཚོགས་ཏེ། ལག་བྲིས་དེབ་དང་ཟིན་བྲིས། གློག་བརྙན་གྱི་སྤྱིན་ཤོག་དང་། ༡༩༥༠ ཙམ་ནས་བོད་དོན་སྐོར་ལ་ཕྱི་རྒྱལ་ཚགས་པར་དུ་ཐོན་པའི་ ཚགས་པར་དྲས་མ། ལོ་ངོ་བཅུ་ཕྲག་དུ་མའི་དཔེ་ཁྲིད་ཟིན་བྲིས་ཧ་ཅང་རྒྱས་པ་སོགས་ཡོད། དགེ་བཤེས་ལགས་ཀྱི་ཞལ་འདེབས་ཀྱི་ནང་དུ་ད་དུང་དེང་རབས་བོད་སྐད་ཀྱི་གླེང་མོལ་སྒྲ་འབེབས་བྱས་པའི་འཁོར་ཐག་དུ་མ་ཡོད་པ་མ་ཟད། དགེ་བཤེས་ལགས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་ལ་ཐུགས་སྣང་དགྱེས་པའི་མཚོན་རྟགས་སུ་གཞས་ཚིག་གི་དེབ་དང་རོལ་མོའི་དབྱངས་ཡིག་མང་དག་ཅིག་ཀྱང་འདུག

The Taktser Rinpoche Collection

ལྟག་མཚེར་རིན་པོ་ཆེའི་ཞལ་འདེབས།

ཕྱི་ལོ་༢༠༠༩་ལོར་ཞིང་གཤེགས་ལྟག་མཚེར་རིན་པོ་ཆེའི་ལྕམ་དཀོན་མཆོག་དབྱངས་སྐྱིད་མཆོག་ནས་ལྟག་མཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་སྐུ་སྒེར་གྱི་དཔེ་མཛོད་དང་ཡིག་ཆ་རྣམས་ལ་རྩེ་དཔེ་མཛོད་ཁང་ལ་ཞལ་འདེབས་སུ་གནང་། བོད་ཡིག་དང་དབྱིན་ཡིག་གཙོ་བོ་ཡིན་པའི་དཔེ་དེབ་ཀྱི་གྲས་སུ་དཔེ་རྒྱུན་དཀོན་པོ། དཔེ་རྒྱུན་ཆད་པ་དང་། དཔེ་སྐྲུན་མ་བྱས་པའི་ལག་བྲིས་འགའ་ཡང་ཡོད། དེ་བཞིན་འདྲ་པར། སྤྱིན་ཤོག གློག་བརྙན་གྱི་སྤྱིན་ཤོག་ཡོད་པ་དེ་དག་གིས་ལྟག་མཚེར་རིན་པོ་ཆེའི་སྤྱི་ཚོགས་དང་། སྐུ་སྒེར། ཁྱིམ་ཚང་བཅས་ཀྱི་སྐུ་ཚེའི་ལོ་རྒྱུས་རིན་ཐང་ཅན་མངོན་པར་བྱས་ཡོད། ཞལ་འདེབས་དེ་དག་གིས་བོད་གཞུང་དང་བོད་པའི་སྤྱི་ཚོགས་དེ་དེང་རབས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་མངོན་པའིགལ་ཆེའི་ཡིག་ཆ་ཆགས་ཡོད། གཞན་ཡང་བྲིས་མ་དང་ཡིག་འབྲེལ་གང་མང་ཞིག་བཞུགས་ཡོད།