You are here

Catalogs

ལ་རྩེ་དཔེ་མཛོད་ཀྱི་དཀར་ཆག

ལ་རྩེ་དཔེ་མཛོད་ཀྱི་དྲ་རྒྱའི་དཀར་ཆག་འདིས་ང་ཚོའི་དཔེ་མཛོད་ཀྱི་ཡིག་མཛོད་དང་རྒྱུ་ཆ་རྣམས་འཚོལ་ཐུབ། བཤེར་འཚོལ་ཡག་པོ་ཞིག་ཡོང་བར་དེ་བེད་སྤྱོད་གཏོང་སྟངས་ཀྱི་ལམ་ཡིག་དེ་ལ་ཡག་པོ་གཟིགས་རོགས།

ང་ཚོར་རྒྱུན་པར་རྒྱུ་ཆ་གསར་པ་འབྱོར་བཞིན་པར་བརྟེན། དཀར་ཆག་དང་ཡིག་མཛོད་ངོ་སྤྲོད་དེ་དག་ལ་འགྱུར་བ་གཏོང་བཞིན་ཡོད། ཁྱེད་ལ་མཁོ་བའི་རྒྱུ་ཆ་གང་ཞིག་མ་རྙེད་ན། རྒྱུ་ཆ་དེ་ད་དུང་དཀར་ཆག་ནང་ལ་བཅུག་མེད་པ་ཡིན་སྲིད། དེར་བརྟེན་ཐད་ཀར་ངེད་ཚོའི་ལས་བྱེད་ལ་འབྲེལ་བ་བགྱིས་ནས་བརྩད་གཅོད་གནང་རོགས།

དཀར་ཆག་བེད་སྤྱོད་གཏོང་སྟངས་ཀྱི་ལམ་ཡིག

བོད་ཡིག ། ང་ཚོའི་དཀར་ཆག་ནང་གི་བོད་ཡིག་ཚང་མ་ཝེ་ལི་ལམ་ལུགས་ཀྱི་བོད་ཡིག་གསལ་བྱེད་རོ་མན་ཡི་གེར་གཟུགས་སྒྱུར་བྱེད་པའི་ཐབས་ལ་བརྟེན་ནས་བཟོས་ཡོད། ཝེ་ལི་ལམ་ལུགས་སྐོར་ལ་ཞིབ་པར་ཤེས་འདོད་ན་ཧི་མ་ལ་ཡ་དང་བོད་ཀྱི་དཔེ་མཛོད་དྲ་རྒྱའི་ཐོག་ལ་གཟིགས་རོགས། http://www.thlib.org/reference/transliteration/#!essay=/thl/ewts

ང་ཚོའི་དཀར་ཆག་ལ་གཟིགས་པའི་སྐབས་ལ་དོ་སྣང་བྱེད་དགོས་པ་ཞིག་ལ་མིང་དང་ས་མིང་དེ་དག་གི་ཚེག་ཁྱིམ་དབར་ལ་སྟོང་ཆ་བཞག་ཡོད། དེ་བཞིན་ང་ཚོས་ཚེག་ཁྱིམ་དབར་ལ་ཐིག་དང་རྟགས་གཞན་པ་བཀོལ་མེད། དཔེར་ན། srong btsan sgam po
Sde dge ལྟ་བུ།

རྒྱ་ཡིག་འཚོལ་སྐབས། ཕིན་ཡིང་ངམ་རོ་མན་གྱི་བླ་དྭགས་གསལ་བྱེད་བཀོལ་དགོས་པ་དང་། ཚེག་ཁྱིམ་དབར་ལ་སྟོང་ཆ་འཇོག་དགོས།

དཔེར་ན།
Bei jing
chu
ban she ལྟ་བུ།

ལ་རྩེ་དཔེ་མཛོད་ཀྱི་དཀར་ཆག་གཟིགས།

རྩོམ་འཚོལ་དཀར་ཆག་བྱ་ར།
ཀྲུང་གོའི་ནང་ལ་བཞུགས་པའི་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་བོད་ཡིག་ཏུ་སྤེལ་བའི་ཞིབ་འཇུག་རྩོམ་ཡིག་གི་དཀར་ཆག

བྱ་ར་ཞེས་པའི་རྩོམ་འཚོལ་དཀར་ཆག་ནི་རྒྱལ་སྤྱིའི་ཐོག་གི་བོད་རིག་པའི་མཁས་པ་དང་ཞིབ་འཇུག་པ་གཞན་པ་རྣམས་ཀྱིས་རང་རང་གི་ཞིབ་འཇུག་དང་འབྲེལ་བའི་རྩོམ་ཡིག་འཚོལ་བྱེད་ཅིག་སྟེ། འདི་ལ་བརྟེན་ནས་ཁོང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་བཞུགས་པའི་མཁས་པ་དང་ཞིབ་འཇུག་པ་རྣམས་པ་རྣམས་ཀྱིས་བོད་ཡིག་ཏུ་སྤེལ་བའི་ཞིབ་འཇུག་རྩོམ་ཡིག་རྣམས་ལས་སླ་བོའི་སྒོ་ནས་རྒྱུས་ལོན་བྱེད་ཐུབ།

    རྩོམ་འཚོལ་དཀར་ཆག་བྱ་ར་ཡི་དགོས་པ་གསུམ།
    1. ཀྲུང་ཧྭ་མི་དམངས་སྤྱི་མཐུན་ཁབ་ཀྱི་ནང་གི་མཁས་པ་རྣམས་ཀྱི་ཞིབ་འཇུག་ལས་སྒོ་ལ་ཤེས་རྟོགས་སྤེལ་བ།
    2. བོད་ཀྱི་ཞིབ་འཇུག་གི་སྡེ་ཕན་ཚུན་བར་གྱི་ཞིབ་འཇུག་གི་ལས་དོན་ཤེས་རྟོགས་ལ་སྐུལ་འདེད།
    3. ལ་རྩེ་དཔེ་མཛོད་ཁང་དུ་བཞུགས་པའི་དུས་དེབ་ཀྱི་བསགས་མཛོད་བེད་སྤྱོད་གཏོང་རྒྱུའི་སྐུལ་མ།

    ད་ལྟའི་ཆར་བྱ་རའི་ནང་དུ་བོད་ཡིག་ཏུ་སྤེལ་བའི་རྩོམ་ཡིག་༡༢༠༠༠བརྒལ་བའི་ཐོ་བྱང་ཡོད། རྩོམ་མིང་མང་པོ་དབྱིན་སྐད་དུ་ཕབ་བསྒྱུར་བྱས་ཡོདཔ་དང་། བྱ་རའི་འཚོལ་ནུས་ཇེ་ཆེར་གཏོང་ཆེད་དུ་གཉན་ཚིག(关键词)བཀོད་ཡོད། དེ་མ་ཟད་རྩོམ་ཡིག་གི་ནང་དོན་གནད་བསྡུས་གང་མང་ཞིག་དབྱིན་ཡིག་ཏུ་ཡང་བསྒྱུར་ཡོད།

    བྱ་ར་བེད་སྤྱོད་གཏོང་སྟངས།

    ཀློག་པ་པོས་ཐད་ཀར་འཚོལ་ཞིབ་(རྩོམ་པ་པོའི་མཚན་ནམ་རྩོམ་མིང་། གཉན་ཚིག དུས་དེབ་ཀྱི་མིང་སོགས་ཀྱི་སྒོ་ནས)བྱས་ཆོག་ལ། འདོན་ཐེངས་རེ་རེའི་རྩོམ་ཡིག་གི་ཐོ་བྱང་ལ་བཤེར་འཚོལ་བྱས་ཀྱང་ཆོག གཤམ་གསལ་འཚོལ་ཞིབ་བྱེད་ཐབས་ཀྱི་ཐོ་གཞུང་ལས་གང་འཚམས་པ་བདམས་ནས་འཚོལ་ཞིབ་གནང་རོགས།

    རྩོམ་འཚོལ་དཀར་ཆག་བྱ་ར་ལ་རྩོམ་བྱང་མང་ཆེ་བ་ཝའེ་ལེ་ཡིག་འཇུག་བྱེད་སྟངས་(Wylie transliteration system) ལྟར་བཅུག་ཡོད་ཅིང་། (ཆེད་མིང་གི་ཚེག་བར་ལ་བར་ཐིག་- འདི་བརྒྱབ་མེད།)

    གནས་ཚུལ་རྒྱས་པར་ཤེས་འདོད་ན། དཔེ་མཛོད་དོ་དམ་པར་འདྲི་རྩད་གནང་རོགས།.
    བྱ་ར་དཀར་ཆག་གཟིགས།